lundi 6 septembre 2010

ཝེ་ཁེ་རིག་མཛོད་ནང་བོད་ཡིག་གི་མིང་ཚིག་བཟོ་སྟངས།








གསལ་བརྡ་གལ་ཆེན།:



གལ་ཏེ་སྐུ་ཉིད་ཀྱི་བོད་ཡིག་ཝེ་ཁེ་རིག་མཛོད་བོད་ལྗོངས་སུ་མེད་པ་བཟོ་འདོད་མེད་ཚེ་སྐུ་ཉིད་ནས་ཆབ་སྲིད་དང་འབྲེལ་བའི་བཀའ་མོལ་མ་གསུངས་རོགས།



I. གང་འདྲ་ཟེ་ཐོ་འགོད་བྱེད།



ཁྱེད་ཀྱིས་http://bo.wikipedia.org/ ཁ་ཕྱེ་དགོས། དེ་རྗེས་དྲ་ངོས་གཡས་ངོས་ཀྱི་སྟེང་དུ་འདིར་ Log in / create accountསྣོན་དགོས། (ཐོ་འགོད་བྱེད་པ་རིན་མེད་ཡིན་པ་མ་ཟད་རང་ཉིད་ཀྱི་ཆ་འཕྲིན་འབྲི་མི་དགོས།)












དབྱིན་ཡིག་གི་ཝེ་ཁེ་རིག་མཛོད་ནང་མིང་ཚིག་དེའི་དབྱིན་ཡིག་འབྲི་དགོས།: http://en.wikipedia.org/

གལ་ཏེ་མིང་ཚིག་དེ་ཝེ་ཁེ་རིག་མཛོད་ནང་ཡོད་ཚེ་ཁྱེད་རང་ནས་གཡོན་ངོས་ཀྱི་སྐད་ཡིག་གི་རེའུ་མིག་ནང་བོད་ཡིག་འབྲེལ་མཐུད་གཟིགས་ཐུབ། (ཁྱེད་རང་ནས་འབྲེལ་མཐུད་དེ་སྣོན་དགོས་པ་མ་ཟད་མིང་ཚིག་དེར་གསལ་བཤད་ཆ་ཚང་བྱེད་དགོས།)















བོད་ཡིག་གི་ཝེ་ཁེ་རིག་མཛོད་ནང་མིང་ཚིག་དེ་བོད་ཡིག་ཐོག་ནས་འབྲི་དགོས།: http://bo.wikipedia.org/

གལ་ཏེ་མིང་ཚིག་དེ་ཝེ་ཁེ་རིག་མཛོད་ནང་ཡོད་པ་མ་ཟད་ཁྱེད་རང་ནས་བྲིས་པའི་དག་ཆ་ནོར་མེད་ཚེ་ཁྱེད་རང་ནས་ཐད་ཀར་མིང་ཚིག་དེའི་གསལ་བཤད་ཀྱི་ཤོག་ངོས་ནང་སླེབས་ཐུབ་ཡང་མིན་ན་ཁྱེད་རང་ནས་དེ་དང་འདྲ་བའི་མིང་ཚིག་ཁག་གཅིག་གཟིགས་ཐུབ།








III. མིང་ཚིག་གསར་པ་བཟོ་སྟངས།

དྲ་ངོས་འདིར་
http://bo.wikipedia.org/ འཛུལ་དགོས་པ་མ་ཟད་ཁྱེད་རང་འབྲི་དགོས་པའི་མིང་ཚིག་དེ་འབྲི་དགོས། གལ་ཏེ་མིང་ཚིག་དེ་ཝེ་ཁེ་རིག་མཛོད་ནང་མེད་ཚེ་ཝེ་ཁེ་རིག་མཛོད་ནས་ཁྱེད་རང་ལ་མིང་ཚིག་འདི་བཟོ་དགོས་པའི་བསམ་འཆར་འདོན་གྱི་ཡོད་དེའི་སྐབས་ཁྱེད་རང་བཟོ་དགོས་པའི་མིང་ཚིག་འདིའི་སྟེར་སྣོན་ན་འགྲིག མིང་ཚིག་འདིའི་ཚོས་གི་དམར་པོ་རེད། དེའི་རྗེས་ཁྱེད་རང་ནས་དྲི་བ་ VIནང་འབྲི་བའི་དཔེར་བརྗོད་ནང་ལྟར་བཟོ་དགོས།


ཁྱེད་རང་ནས་མིང་ཚིག་བཟོས་ཚར་བའི་རྗེས་ཁྱེད་རང་ནས་སྔ་ལྟས་སྟོན་སའི་ནང་ངམ་འདིར་སྣོན་ནས་དྲ་ངོས་ཉར་བ་ཞེས་པ་དེ་སྣོན་དགོས།།

IV. གང་འདྲ་ཏེ་ནས་འདྲ་པར་འཇོག་དགོས།

(ཁྱེད་རང་ཐོ་འགོད་ཚར་བའི་རྗེས་གཞི་ནས་འདྲ་པར་འཇོག་ཐུབ།)
འདི་
http://bo.wikipedia.org/ཁ་ཕྱེ་དགོས་དེའི་རྗེས་གཡོས་ངོས་ཀྱི་འོག་གི་ཡར་འཇོག་ཞེས་པ་དེ་སྣོན་དགོས། རྩོམ་སྒྲིག་གི་གསལ་བཤད་ལྟར་གལ་ཏེ་ཁྱེད་ནས་འདྲ་པར་འཇོག་ཚེ་འདི་འབྲི་དགོས། {{GFDL-self}}

དེའི་རྗེས་ཁྱེད་རང་ནས་གཤམ་གསལ་ལྟར་ཁྱེད་རང་གི་རྩོམ་ཡིག་ནང་འདྲ་པར་འཇོག་ཐུབ།:
[[File:རྒྱལ་རྩེ། དཔལ་ཆོས་དགོན།.JPGrightthumb300px]]
(དྲི་བ་VIནང་གི་དཔེར་བརྗོད་ལྟར།)

V. གང་འདྲ་བྱས་ཏེ་གསལ་བཤད་འཇོག་དགོས།

གསལ་བཤད་བྱེད་དགོས་སར་ཐད་ཀར་གསལ་བཤད་བྱེད་ན་འགྲིག་ཡིན་ནའང་གསལ་བཤད་བྱེད་པའི་མདུན་ངོས་དང་བརྒྱབ་ངོས་སུ་ འབྲི་དགོས།
དཔེར་ན། : ལོ་རྒུས་བཤད་པ། ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

དེའི་རྗེས་ཡང་བསྐྱར་== ཟིན་ཐོ་འམ་དཔྱད་གཞི། == མཇུག་ཏུ་{{Reflist}}འབྲི་དགོས། (དྲི་བ་VIནང་གི་དཔེར་བརྗོད་ལྟར།).









VI. དཔེར་བརྗོད།

[[File:ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ།.JPGrightthumb300px]] -->
གལ་ཏེ་ཁྱེད་རང་ལ་འདྲ་པར་ཡོད་ཚེ་ཁྱེད་རང་གི་རྩོམ་ཡིག་གི་སྟེར་དུ་འདྲ་པར་གཅིག་འཇོད་ན་འགྲིག

བོད་ཀྱི་རིག་གནས་ནང་'''ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ་'''དང་[[གེ་སར་རྒྱལ་པོ་]][[སྤྱན་རས་གཟིགས་]]བཅས་ནི་གལ་ཆེ་ཤོས་རེད། བཤད་སྲོལ་དེ་བདེན་པ་ཡིན་པ་[[སྲོང་བཙན་སྒམ་པོས་]]བརྩམས་གནང་བའི་དེབ་[[མ་ཎི་ཀ་འབུམ་]]ཞེས་པའི་ནང་ར་སྤྲོད་ཐུབ་ཡོད། ཁོང་ནི་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན། -->ཁྱེད་རང་གི་རྩོམ་ཡིག་གི་མདུན་དུ་མདོར་བསྡུས་ཀྱི་འབྲེལ་པ་ཞིག་འབྲི་དགོས། ཁྱེད་རང་ནས་མིང་ཚིག་གཞན་དང་མཉམ་དུ་འབྲེལ་མཐུད་བྱས་ནའང་འགྲིག དེ་འབྲེལ་མཐུད་བྱེད་འདོད་ཚེ་ཁྱེད་རང་ནས་འབྲེལ་མཐུད་བྱེད་པའི་མིང་ཚིག་དེ་གཤམ་གསལ་ལྟར་འབྲི་དགོས། [[གེ་སར་རྒྱལ་པོ་]].

== གསལ་བཤད། == -->
འདིའི་ནང་ཁྱེད་རང་ནས་གསལ་བཤད་བྱེད་དགོས།
== མི་ཚེ། ==
== ལོ་རྒྱུས། ==
== ཟིན་ཐོ་འམ་དཔྱད་གཞི། ==
{{Reflist}}
== དཔྱད་གཞིའི་དཀར་ཆག ==
== ད་དུང་གཟིགས། ==
== ཕྱི་ཕྱོགས་དྲ་མཐུད། ==

[[Category:བོད་ཡུལ།]] -->
ཁྱེད་རང་ནས་རྩོམ་སྒྲིག་བྱས་པའི་མིང་ཚིག་དབྱེ་བ་ཕྱེ་དགོས། (དཔེར་ན། བོད་ལྗོངས། གླུ་དབྱངས།རིག་གཞུང། བཟའ་ཆ་ལ་སོགས།)
[[en:Pha Trelgen Changchup Sempa]] --> གསལ་བརྡ་གལ་ཆེན། :བོད་ཡིག་གི་ཝེ་ཁེ་རིག་མཛོད་ནང་སྐད་ཡིག་གཞན་གྱི་ཝེ་ཁེ་རིག་མཛོད་འབྲེལ་མཐུད་བྱེད་ཐུབ་པའི་ཆེད་ཁྱེད་རང་ནས་གཤམ་གསལ་འབྲི་དགོས། [[en :ཁྱེད་རང་ནས་རྩོམ་སྒྲིག་པའི་མིང་ཚིག་གི་ཝེ་ཁེ་རིག་མཛོད་ནང་གི་དབྱིན་ཡིག་གི་མིང་།]] – གལ་ཏེ་བོད་ཡིག་དང་དབྱིན་ཡིག་གི་ཝེ་ཁེ་རིག་མཛོད་ནང་གི་གསལ་བཤད་གཅིག་པ་མིན་ཚེ་ཁྱེད་རང་ནས་འདིར་
http://en.wikipedia.org/ཁྱེད་རང་གི་མིང་ཚིག་འབྲི་ན་འགྲིག